专业歌曲搜索

仰望天空 - 洛次燃烧的音符.mp3

仰望天空 - 洛次燃烧的音符.mp3
[00:00.239]གནམ་ལ་གཟིགས་དང...
[00:00.239]གནམ་ལ་གཟིགས་དང་།
[00:06.066]ཚིག་གདངས། པདྨ་བསྟན་འཛིན།
[00:09.520]ལེན་མཁན། བློ་བཟང་ཚེ་རིང་།
[00:14.155]རོལ་དབྱངས། ཀྲོའོ་ཡུན།
[00:17.203]སྒྲ་འཇུག རྡོ་རྗེ།
[00:20.174]གཞས་གདངས་མཉམ་སྡེབ།  བློ་གསལ།
[00:23.639]པར་ལེན་སྒྲིག་སྦྱོར། སྒྲོལ་མ་སྐྱབས།
[00:26.733]ང་ཚོས་མི་ཚེའི་ལམ་བུའི་སྟེང་།
[00:29.601]གོམ་པ་རེ་རེ་སྤོ་བའི་དུས།
[00:32.886]སེམས་གཏིང་ལ་རྫོགས་མེད་ཀྱི་དཀའ་ངལ་འཕྲད།
[00:38.759]ང་ཚོས་རང་གི་འཚོ་བའི་ཆེད།
[00:42.460]ཕུགས་བསམ་རེ་རེ་གྲུབ་པའི་དུས།
[00:45.678]ལུས་པོ་འདིས་ཀྱང་དཀའ་སྡུག་མང་པོ་མྱངས།
[00:51.134]མཚམས་མཚམས་ལ་རང་གཅིག་བུར་མིག་ཆུ་ལྷུང་།
[00:57.851]མཚམས་མཚམས་ལ་དྲིན་ཆེན་ཕ་མ་ཡང་དྲན།
[01:04.365]མཚམས་མཚམས་ལ་བློས་གཏོང་གི་བསམ་བློ་ཡང་སླེབས།
[01:10.271]ཐ་ན་འ་ཆད་འུ་ཐུག་གི་གནས་ལ་ཡང་ལྷུངས་སྲིད།
[01:17.392]དེ་དུས་ཁྱེད་ཀྱིས་ཨ་སྔོན་གནམ་ལ་གཟིགས་དང་།
[01:23.422]ཁྲི་གདུགས་ཉི་མ་འཛམ་གླིང་འདིའི་འོད་ཟེར་ཡིན་ཡང་།
[01:29.498]དེ་ཡང་མཚམས་མཚམས་ནག་པོའི་སྤྲིན་གྱིས་བསྒྲིབས་པས།
[01:36.158]སུ་དང་སུ་ལའང་དཀའ་ངལ་འདྲ་མིན་འཕྲད་སྲིད།
[01:43.853]
[02:14.206]ང་ཚོ་འཁོར་བའི་ལམ་འཕྲང་སྟེང་།
[02:17.345]མི་ལུས་རིན་ཆེན་ཐོབ་པའི་དུས།
[02:20.315]སྐྱེ་སྒ་ན་འཆིའི་སྡུག་བསྔལ་མང་པོ་འཕྲད།
[02:26.784]ང་ཚོ་མི་ཚེའི་རྐང་ལམ་སྟེང་།
[02:29.855]སྐྱིད་སྡུག་རེ་རེ་མྱོང་བའི་དུས།
[02:33.220]དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་མང་པོ་བྲིས།
[02:39.350]མཚམས་མཚམས་ལ་རང་གཅིག་བུར་མིག་ཆུ་ལྷུང་།
[02:45.144]མཚམས་མཚམས་ལ་དྲིན་ཆེན་ཕ་མ་ཡང་དྲན།
[02:51.377]མཚམས་མཚམས་ལ་བློས་གཏོང་གི་བསམ་བློ་ཡང་སླེབས།
[02:57.126]ཐ་ན་འ་ཆད་འུ་ཐུག་གི་གནས་ལ་ཡང་ལྷུངས་སྲིད།
[03:04.776]དེ་དུས་ཁྱེད་ཀྱིས་ཨ་སྔོན་གནམ་ལ་གཟིགས་དང་།
[03:10.885]ཁྲི་གདུགས་ཉི་མ་འཛམ་གླིང་འདིའི་འོད་ཟེར་ཡིན་ཡང་།
[03:17.230]དེ་ཡང་མཚམས་མཚམས་ནག་པོའི་སྤྲིན་གྱིས་བསྒྲིབས་པས།
[03:23.435]སུ་དང་སུ་ལའང་དཀའ་ངལ་འདྲ་མིན་འཕྲད་སྲིད།
[03:29.668]བྱས་ཙང་ཁྱེད་རང་མིག་ཆུ་ཕར་འཕྱིད་དང་།
[03:36.204]བྱས་ཙང་ཁྱེད་རང་སེམས་ཤུགས་མ་ཆགས་རོགས།
[03:42.471]བྱས་ཙང་ཁྱེད་རང་མགོ་ནས་ཡར་ལོངས་དང་།
[03:48.850]བློ་རྒྱ་ཆེ་ཙམ་གནང་ནས་མདུན་ལ་ཕེབས་ཤོག
[03:55.229]མ་གཞི་མི་ཚེའི་ལམ་བུའི་སྟེང་ལ།
[03:58.244]དཀའ་ངལ་འདྲ་མིན་སྣ་ཚོགས་འཕྲད་སྲིད།
[04:01.337]ང་ཚོའི་བློ་རྒྱ་ནམ་མཁའ་བཞིན་དུ་ཡངས་དགོས།
展开