专业歌曲搜索

青春恋曲 - 旦增加/秀德措.mp3

青春恋曲 - 旦增加/秀德措.mp3
[00:00.000] 作词 : 赤白玛 [00:...
[00:00.000] 作词 : 赤白玛
[00:01.439]གཞོན་པའི་འདང་།
[00:15.097]གཞས་ཚིག།  ཁྲི་པདྨ།
[00:21.199]དབྱངས། བསྟན་འཛིན་རྒྱལ།
[00:24.215]ཡིག་བསྒྱུར། ཁྲི་པདྨ།
[00:28.815]གཞོན་པའི་དུས་ཀྱི་བརྩེ་བ་དྭངས་མོ།།
[00:34.376]ལོ་ཟླ་གཞན་དང་འདྲ་ས་མ་རེད།།
[00:40.416]དེ་དུས་ཕན་ཚུན་སེམས་གཏམ་ཉུང་ཡང་།།
[00:45.600]བསླུ་བའི་བསམ་པ་སུ་ལ་མི་འདུག།
[00:51.752]ད་ལྟ་ལན་རེར་ཕྱིར་འདང་རྒྱབ་ན།།
[00:56.927]དུང་བའི་དབྱར་ཟླ་སད་ཀྱིས་བཅོམ་ནས།
[01:02.087]མི་ཚེ་རིང་མོ་དགུན་ལ་ཉེ་ཡང་།།
[01:06.671]བརྩེ་འདང་དེ་ལས་ལྷག་པ་མི་འདུག།
[01:12.735]ཨ་་་་་་་ ཆུང་འདྲིས་ཞེ་མཐུན་བུ་མོ། ད་ལྟ་སྔར་ལས་དུང་བ།
[01:47.060]
[01:59.490]ཆུང་ནས་སེམས་ཀྱིས་བསྐྱངས་ཤིང་འཚོས་པའི།།
[02:04.330]དམར་ཆུང་སྲོག་གི་སྐྱ་ཡ་དྲན་ནས།།
[02:10.459]ལོ་ཟླའི་རི་མོ་ཐོད་ལ་བབས་དུས།།
[02:15.635]ན་ཟུག་མིག་མཐའི་མཆི་མར་འདྲེས་ཡོང་།།
[02:21.698]མི་ཚེའི་དགའ་སྐྱོའི་ཟློས་གར་རིང་མོ།།
[02:27.055]བསམ་ཞིང་བསམ་ན་སྙིང་བོ་མེད་པ།།
[02:32.098]འཁོར་བའི་གྲོང་གི་སྐྱོ་སྡུག་བསམ་ན།།
[02:36.785]མྱི་སེམས་རློན་པ་ཁྲག་གིས་བརྫིས་འགྲོ།།
[02:42.705]ཨ་་་་་  སེམས་ཀྱིས་འཚོས་པའི་ཆུང་འདྲིས།། དམར་ཆུང་སྲོག་གི་འདང་ཡོད།
[03:30.642]ལོ་ཟླའི་མི་སྒུག་ཆུ་བོའི་རྒྱུན་རེད།།
[03:35.853]སྐྲ་ལོ་འཁུར་ནས་གཉེར་མ་བབས་ཐ།།
[03:41.921]སེམས་ཀྱིས་འཚོས་པའི་སྙིང་གི་མི་དེ།།
[03:47.161]ད་དུང་མ་མཐོང་ཞེ་རྩ་སྨྲེང་ཡོང་།།
[03:53.171]ཁྱོད་དང་ཨེ་འཕྲད་རེ་སྒུག་བྱས་ནས།།
[03:58.452]ཉིན་དང་མཚན་མོའི་དབྱེ་བ་ནོར་སོང་།།
[04:03.610]མ་མཇལ་ཡུན་རིང་སྒུག་པའི་གདུང་བ།།
[04:08.320]ཕྲ་ཆུང་མིག་མཐའི་མཆི་མའི་བཤད་སོང་།།
[04:14.111]ཨ་་་་  ང་ཡི་སྙིང་གི་བྱམས་པ།  ད་ལྟ་སྔར་ལས་དྲན་པ།
展开