苦乐 - 索当珠.mp3
能正常播放的歌曲才可以下载
[00:00.000] 作词 : 热西·嘎玛桑登[00:01.000] 作曲 : 索当珠[01:05.670]མི་རེ་རེའི་སེམས་ལ་སྐྱིད་སྡུག་རེ།[01:08.102]དེ་མི་རྟག་སྐྱིད་རེས་སྡུག་རེས་རེད།[01:12.415]སྐྱིད་ཟེར་ན་ཚེ་གང་སྐྱིད་རབས་མེད།[01:14.545]སྡུག་ཟེར་ནས་མི་ཚེ་སྡུག་རབས་མེད།[01:19.100]མི་ལ་ལ་རྒྱུ་ཡོད་དབང་ཡོད་རེད།[01:21.252]སེམས་སྐྱིད་པོ་ཡོད་མེད་ཐེ་ཚོམ་རེད།[01:25.912]མི་ལ་ལ་ཟས་མེད་གོས་མེད་རེད།[01:28.192]ཆོས་མ་ཎི་ཡོད་ན་སྐྱིད་གདའ་ཟེར།[01:32.605]སྐྱིད་གནམ་ནས་མི་འབབ། སྡུག་ས་ནས་མི་སྐྱེ།[01:37.006]རང་སེམས་ཀྱི་བསམ་ལུཊ་རེད་ལ་ཟེར།[02:01.918]ཚེ་རེ་རེའི་སྒང་ལ་སྐྱིད་སྡུག་རེ།[02:04.091]དེ་མི་རྟག་སྔོན་གྱི་བསགས་པ་རེད།[02:08.488]སྐྱིད་ཟེར་ནས་དགོད་སྔ་མ་བྱེད་དང་།[02:10.831]སྡུག་ཟེར་ནས་མིག་ཆུ་མ་གཏོང་དང་།[02:15.300]མི་ལ་ལ་ཁ་ཡོད་དཔུང་ཡོད་རེད།[02:17.708]སེམས་སྐྱིད་པོ་ཡོད་མེད་ཐེ་ཚོམ་རེད།[02:22.080]མི་ལ་ལ་དགྲ་མེད་གྲོགས་མེད་རེད།[02:24.421]ལུས་ན་ཚ་མེད་ན་སྐྱིད་གདའ་ཟེར།[02:28.669]ང་སྡུག་གདའ་མ་ཟློ། ཁྱོད་སྐྱིད་གདའ་མ་ལབ།[02:32.953]རང་སེམས་ཀྱི་མྱོང་ལུགས་རེད་ལ་ཟེར།[03:15.772]ལམ་རེ་རེའི་སྟེང་ལ་འགྲོ་ལུགས་རེ།[03:17.828]དེ་མི་རྟག་མཐོ་རེས་དམའ་རེས་རེད།[03:22.441]སྐྱིད་ཟེར་ནས་རྐང་ཆུང་མ་གཡུག་དང་།[03:24.613]སྡུག་ཟེར་ནས་མགོ་འཕང་མ་དམའ་དང་།[03:29.193]མི་ལ་ལ་གཟུཊ་ཡོད་མཛེས་ཡོད་རེད།[03:31.450]སེམས་སྐྱིད་པོ་ཡོད་མེད་ཐེ་ཚོམ་རེད།[03:35.914]མི་ལ་ལ་རྟ་མེད་རྐང་ཐང་རེད།[03:38.469]རྐང་ལྷམ་ཆུང་ཡོད་ན་སྐྱིད་གདའ་ཟེར།[03:42.591]ཡར་མཐོ་ས་ལ་མ་བལྟ། མར་དམའ་ས་ལ་ལྟོས།[03:47.073]རང་སེམས་ཀྱི་ལྟ་ལུགས་རེད་ལ་ཟེར།[03:51.541]ཡར་མཐོ་ས་ལ་མ་བལྟ། མར་དམའ་ས་ལ་ལྟོས།[03:56.089]རང་སེམས་ཀྱི་ལྟ་ལུགས་རེད་ལ་ཟེར།
展开