专业歌曲搜索

不要灰心 - 哦罗.mp3

不要灰心 - 哦罗.mp3
[00:00.000] 作词 : 哦罗 [00:0...
[00:00.000] 作词 : 哦罗
[00:01.000] 作曲 : 哦罗
[00:02.000] 编曲 : 哦罗
[00:25.730]འདས་ཟིན་པའི་གནས་ཚུལ་དེ་ཚོར་བསམ་བློ་བཏང་མ་བཞུགས།
[00:28.888]ཐུགས་ལྷོད་པོས་ཨོ་ལོའི་གཞས་དེ་ལན་གཅིག་གསན་རོགས་གནང་།
[00:32.055]གདམ་པའི་ལམ་ལ་དཀའ་སྡུག་ཡོང་དུས་སེམས་ཤུགས་ཆགས་བྱས་མ་སྡོད་ཨ།
[00:35.055]བསམ་ཚད་འགྲུབ་པ་ཁག་པོ་རེད་དེ་དགའ་བའི་ལས་ལ་སྡུག་རུས་དགོས།
[00:38.359]འཇིག་རྟེན་དེའི་སྒང་སྡུག་བསྔལ་མེད་པའི་མི་གཅིག་ཀྱང་ཡོང་མི་སྲིད།
[00:41.596]རིག་པ་སྒྲིམ་བྱས་ཧུར་ཐག་གནང་ཨ་འབྲས་བུས་ཁྱེད་ལ་བསུ་བ་ཞུ།
[00:44.684]གཤོག་པ་སྐྱེས་པའི་དུས་ལ་ནམ་འཕངས་བཅད་བྱས་འགྲོ་དུས།
[00:47.885]རྒྱབ་སྐྱོར་གནང་མཁན་སྙིང་ནས་མ་བརྗེད་དེ་ནི་རང་གི་སྤྱོད་བཟང་།
[00:50.967](2)དུམ་བུ་གཉིས་པ།
[00:51.939]གོམ་པ་དང་པོ་སྤོས་པའི་དུས་ལ་ཚང་མ་ཆ་ཚང་བ་ཞིག་ཁག་པོ་རེད།
[00:55.043]མགོ་སྒུར་ཙམ་ལྕེ་ལེ་མནར་ཙམ་བྱེད་དགོས་བྱུང་ནའི་ཐབས་སྐྱོ་པོ་རེད་མ་བསམ།
[00:58.263]མིས་བསླབ་པ་དེ་ཚོ་རྣ་ལ་ཉན་ཕན་ཐོགས་པ་འདུག་ཨ་བསམ་ན་ཀླད་པའི་ནང་བཞག།
[01:02.183]མཐོ་པོའི་གྱང་འདི་འཛེགས་དགོས་བསམ་ན། སྔོན་ལ་སྐས་རྩ་བརྟན་པོ་གཅིག་བཟོ་དགོས་རེད།
[01:05.567]རང་གི་སྨོན་དགོས་པའི་སྦྱིན་བདག་ཆེན་པོ་ཁོང་ཡང་ལམ་དེ་བརྒྱུད་བྱས་ཡོང་ཀྱོག་རེད།
[01:08.751]གོས་ཐུང་སྟ་རལ་གྱོན་མ་དགོས་ཙམ་བར་དུ་ཨ་མ་ལགས་ཀྱི་རང་རང་གསོས་ཡོད་ནས།
[01:12.428]གོམ་པ་སྤོས་ཤེས་པ་ཙམ་གྱིས་རང་ཆེན་པོ་ཆགས་པ་མཚོན་ཐུབ་ཀྱི་མ་རེད།
[01:15.422]ཕ་མ་སྤུན་མཆེད་མེད་པའི་ལུང་པར་སླེབས་དུས་ཟ་མཁས་དང་བཏུང་མཁས་དེ་ཤེས་པ་བྱས།
[01:18.386]རང་སྣང་གང་བཞག་གི་བསམ་བློ་དེ་ཕར་གཡུག་མུ་མཐུད་འབད་བརྩོན།
[01:20.739]ཁ་སྙན་པོས་བཏང་དགོས་དང་བྱུག་དགོས་ཟེར་མཁན་ཡོད་ཚད་ཚང་མ་ཨམ་ཅོག་ཀྲོང་ཀྲོང་མ་བྱེད།
[01:24.578]མི་དེ་ཚོས་གད་མོ་གད་ཀྱིན་གད་ཀྱིན་ཉི་མ་གཅིག་རང་ནག་པོའི་ཚང་ནང་བསྐྱལ་ཡོང་ང་།
[01:28.211](3)དུམ་བུ་གསུམ་པ།
[01:42.554]འདས་ཟིན་པའི་གནས་ཚུལ་དེ་ཚོར་བསམ་བློ་བཏང་མ་བཞུགས།
[01:45.650]ཐུགས་ལྷོད་པོས་ཨོ་ལོའི་གཞས་དེ་ལན་གཅིག་གསན་རོགས་གནང་།
[01:48.815]གདམ་པའི་ལམ་ལ་དཀའ་སྡུག་ཡོང་དུས་སེམས་ཤུགས་ཆགས་བྱས་མ་སྡོད་ཨ།
[01:52.046]བསམ་ཚད་འགྲུབ་པ་ཁག་པོ་རེད་དེ་དགའ་བའི་ལས་ལ་སྡུག་རུས་དགོས།
[01:55.087]འཇིག་རྟེན་དེའི་སྒང་སྡུག་བསྔལ་མེད་པའི་མི་གཅིག་ཀྱང་ཡོང་མི་སྲིད།
[01:58.358]རིག་པ་སྒྲིམ་བྱས་ཧུར་ཐག་གནང་ཨ་འབྲས་བུས་ཁྱེད་ལ་བསུ་བ་ཞུ།
[02:01.588]གཤོག་པ་སྐྱེས་པའི་དུས་ལ་ནམ་འཕངས་བཅད་བྱས་འགྲོ་དུས།
[02:04.480]རྒྱབ་སྐྱོར་གནང་མཁན་སྙིང་ནས་མ་བརྗེད་དེ་ནི་རང་གི་འོས་འགན།
[02:07.763](4) དུམ་བུ་བཞི་པ།
[02:33.281]ཁག་གཅིག་གི་བསྔགས་བརྗོད་ཀྱི་མེ་ཏོག། ཁག་གཅིག་གི་སྐྱོན་བཙུགས་ཀྱི་རྐང་པ་འཐེན།
[02:36.152]ཁག་གཅིག་གིས་བརྩེ་བ་དང་སྤྲོ་སྣང་སྤྲད། ཡང་ཁག་གཅིག་ཕོག་ཐུག་གི་སེམས་པ་སྐྲག།
[02:39.960]ལས་ཀ་བྱེད་སའི་ཁོར་ཡུག་དེའི་ནང་ལ་། སྐབས་རེ་སྦྱིན་བདག་གི་གཤེ་གཤེ་ལས་རོགས་ཀྱི་མཐོང་ཆུང་།
[02:43.604]དྲང་པོ་དྲང་བཞག་གི་ལམ་སྒང་ལ་བདེན་པའི་ལྟོ་བཟས།
[02:45.484]ཡིད་ལུགས་ཚུལ་ལྡན་གྱི་ལུགས་དང་མཐུན་པའི་འཚོ་བ་ཞིག་བསྐྱལ་ནའི།
[02:47.898]བསོད་བདེ་སྐམ་རྒྱུ་ལས་མེད་ཁྱུ་གཅིག་གིས། ཞི་བདེ་ལྷིང་འཇགས་ཀྱི་རང་གི་འཚོ་བ་ལ་དཀྲུག་ཤིང་གི་ཆར་པ་བབས།
[02:51.859]ཡིད་ཐང་མ་ཆད་སེམས་ཡང་མ་སྐྱོ་མུ་མཐུད་མདུན་བསྐྱོད།
[02:54.271]སྣང་བ་བཏང་དགོས་མ་རེད་ལམ་བཀག་མཁན་བྱོལ་སོང་དེ་ཚོའི་རིགས་ལ།
[02:57.174]ཁོ་ཚོ་ཆུང་བྱིས་པའི་དུས་ནས་ཕ་མའི་སློབ་གསོ་མེད་ཙང་སྐྱག་ལང་ཤོར་ཀྱོག།
[03:00.365]དེ་ལས་ལས་རྒྱུ་འབྲས་དང་བྲལ་བའི་བྱ་བ་ངན་པ་ཕར་སྤངས་རང་གི་དགའ་བའི་ལས་ལ་བློ་རྩ་བརྟན་པོས་ཧུར་ཐག་འབད་ཐག།
[03:05.379]གདམ་ཁ་བྱས་པའི་མི་ཚེའི་ཁ་ཕྱོགས། འགྲིག་པ་ཡོད་པས་ནོར་པ་ཡང་ཡོང་ཀྱས།
[03:08.739]ན་ཚ་བཏང་ནའི་སྡུག་རུས་བྱས། དེ་བསྐོས་པའི་ལས་རེད་རང་གི་ཁས་ལེན།
展开