专业歌曲搜索

呼唤 - 多扎西.mp3

呼唤 - 多扎西.mp3
[00:00.000] 编曲 : 多扎西 [00:...
[00:00.000] 编曲 : 多扎西
[00:03.371]རྒྱང་འབོད།
[00:07.136]གཞས་ཚིག  མང་རའི་རྡོ་རིང་།
[00:10.907]གཞས་དབྱངས།  ཀླུ་ཚང་པདྨ།
[00:14.911]གཞས་པ།  མདོ བཀྲ་ཤིས།
[00:24.988]ཆུ་དེ་འབྲི་ཆུ་རིང་མོ།།
[00:28.328]འཛམ་གླིང་བསྐོར་ནས་ཕེབས་ན།།
[00:31.583]བརྩེ་ལྡན་ཁ་བའི་མིང་སྲིང་།།
[00:34.840]ཨེ་རོགས་ཐུགས་ལ་ཞོག་དང་།།
[00:41.355]ཕུག་གསུམ་རྫ་ནས་འབབ་དུས།།
[00:44.529]ཐུགས་ལ་ཉེས་པ་ཨེ་བྱུང་།།
[00:47.828]ལུང་གསུམ་མདའ་རུ་སླེབས་དུས།།
[00:51.171]ཕྱིར་མིག་གངས་ལ་ཨེ་བཞག
[00:56.023]ཨོ་་་་་་།
[01:02.599]ལུང་གསུམ་མདའ་རུ་སླེབས་དུས།།
[01:06.088]ཕྱིར་མིག་གངས་ལ་ཨེ་བཞག
[01:11.029]ཕྱིར་མིག་གངས་ལ་ཨེ་བཞག
[01:35.690]ཆུ་མོ་གང་ལ་བཞུར་འགྲོ།།
[01:39.040]གསུང་ལན་འབྱོན་རོགས་གནོངས་དང་།།
[01:42.128]རི་ལུང་ཐུགས་ལ་ཡོད་ན།།
[01:45.434]སྐོར་བ་ལན་གསུམ་གནོངས་ཤོག།
[01:52.007]གཙང་བོ་ག་ལེར་བཞུར་དུས།།
[01:55.221]རྣ་བ་སུ་ལ་བླགས་ཡོད།།
[01:58.644]གངས་འདབ་རྫི་གླུ་སྙན་མོ།།
[02:01.958]ཐུགས་ལ་བསྣམས་ནས་ཕེབས་སམ།།
[02:06.853]ཆུ་མོ་རྒྱང་ལ་བཞུར་ཡང་།།
[02:10.079]ཕེབས་སོང་སེམས་ལ་མ་ཤར།།
[02:13.349]རླབས་རྩེའི་བཞུར་སྒྲ་སྙན་མོ།།
[02:16.557]རྫ་རིའི་མགུལ་ལ་འཁྱིལ་ཡོད།།
[02:21.630]ཨོ་་་་་་།
[02:28.023]རླབས་རྩེའི་བཞུར་སྒྲ་སྙན་མོ།།
[02:31.486]རྫ་རིའི་མགུལ་ལ་འཁྱིལ་ཡོད།།
[02:36.408]རྫ་རིའི་མགུལ་ལ་འཁྱིལ་ཡོད།།
[02:41.373]རྫ་རིའི་མགུལ་ལ་འཁྱིལ་ཡོད།།
展开