父亲的教诲 - 奥才.mp3
能正常播放的歌曲才可以下载
[00:04.091]༄༅།། ཨ་ཕའི་བསླབ་བྱ།[00:11.623]ཚིག མགྲོན་པོ།[00:16.393]དབྱངས། ཨ་གཞོག་རིན་ཆེན་དགེ་ལེགས།[00:22.724]གཞས་པ། ཨོ་ཚེ།[00:23.729]࿄ ࿄ ࿄[00:26.743]ཨ་ཕ་ལགས།[00:29.252]ཁྱེད་ཀྱི་བརྩེ་བས་བུ་ངའི་ལུས་སེམས་དྲོ།[00:32.264]ཁྱེད་ཀྱི་སློབ་གསོས་བུ་ངའི་དྲན་པ་གསོ།[00:38.036]ཨ་ཕ་ལགས།[00:40.546]ཁྱེད་ཀྱི་བརྩེ་བས་བུ་ངའི་ལུས་སེམས་དྲོ།[00:43.556]ཁྱེད་ཀྱི་སློབ་གསོས་བུ་ངའི་དྲན་པ་གསོ།[00:48.825]࿄ ࿄ ࿄[00:52.089]ཁྱེད་ནི་ང་ཡི་མི་ཚེའི་ཕྱོགས་སྟོན་གྱི་དྲིན་ཆེན་ཡིན།[00:54.347]ཁྱེད་ལ་གངས་རི་དཀར་པོའི་གཟི་མདངས་དང་།[00:56.354]གཙང་ཆབ་སྔོན་མོའི་འབབ་རྒྱུན་གྱི་རང་གཤིས་དང་ཕྱི་ཐག་ལྡན་ལ།[00:59.365]ཁྱེད་ལ་རྩྭ་ཐང་གི་འབྲོང་རྒོད་དང་ནམ་མཁའ་ཡི་ཐང་དཀར་བཞིན་གྱི་སྙིང་སྟོབས་དང་བློ་རྒྱ་ལྡན་ཡོད།[01:03.381]ཁྱེད་ནི་ང་ཡི་མི་ཚེའི་ཕྱོགས་སྟོན་གྱི་དྲིན་ཆེན་ཡིན།[01:05.637]ཁྱེད་ལ་གངས་རི་དཀར་པོའི་གཟི་མདངས་དང་།[01:07.648]གཙང་ཆབ་སྔོན་མོའི་འབབ་རྒྱུན་གྱི་རང་གཤིས་དང་ཕྱི་ཐག་ལྡན་ལ།[01:10.663]ཁྱེད་ལ་རྩྭ་ཐང་གི་འབྲོང་རྒོད་དང་ནམ་མཁའ་ཡི་ཐང་དཀར་བཞིན་གྱི་སྙིང་སྟོབས་དང་བློ་རྒྱ་ལྡན་ཡོད།[01:15.186]ཁྱེད་ཀྱི་སྙིང་སྟོབས་དང་བརྩོན་ལེན་གྱིས་གནང་བའི་སྒུལ་ཤུགས་ལ་བརྟེན་ནས།[01:17.951]ང་ནི་ཁྱེེད་ཀྱི་ལང་ཚོའི་རྐང་རྗེས་ལ་བསྙེགས་ནས་ལམ་དུ་ཆས་བཞིན་ཡོད།[01:21.476]ཁྱེད་ཀྱི་གྲུབ་གཟུགས་ལ་རེ་བ་དང་དང་རྨི་ལམ་གྱི་ཚོན་མདངས་བྱུག་ནས།[01:24.991]དེ་བདག་གི་ཕུགས་བསམ་མངོན་པའི་རྒྱང་སྐྱོད་ཀྱི་གཤོག་ཟུང་དེ་འཚོལ་བཞིན་ཡོད།[01:28.506]ནམ་ཡང་ཁྱེད་ཀྱི་ངག་སྒོ་ནས་བློ་མ་ཕམ།[01:30.514]སེམས་མ་ཤི།[01:31.267]ཨ་ཕས་གནང་བའི་མགོ་བོ་མཐོན་པོ་དེ།[01:32.775]གཞན་གྱི་རྐང་འོག་ཏུ་འཇོག་པའི་སེམས་ཕམ་དེ་ནམ་ཡང་སྐྱེས་མི་རུང་།[01:36.296]ཕམ་ཁའི་མཇུག་འབྲས་ལ་རྔམ་དོགས་སྐྱེས་པ་ལས།[01:38.306]རྒྱལ་ཁའི་འབྲས་བུ་ལ་ཡིད་རྟོན་མེད་པ་ཅི་ཞིག་ཡིན་ཟེར་བ་དྲན་སྐུལ་བྱས་ནས།[01:41.573]མེ་ལྕེ་དང་རྦ་རླབས་ཀྱི་ཤུགས་འགྲོས་ལ་བསྐུར་བའི་བརྩོན་སེམས་དེ་ལྷོད་མ་མྱོང་།[01:45.340]དྲིན་ཨ་ཕའི་ངག་ཐོག་ནས་ཡ་ཁོ་རེ་སྐྱེས་པ་ཕོ།[01:47.852]ཤ་ཟད་རུས་ལ་ཐུག་ཀྱང་སེམས་མ་ཤི།[01:49.610]ཕ་བཟང་གི་བུ།[01:50.363]གཡག་བཟང་གི་འབྲོང་།[01:51.619]འུ་ཐུག་ཐབས་ཟད་གྱུར་ཀྱང་རང་ཚུགས་སྲུངས།[01:53.627]ཁྱོད་ལ་དམ་བཅའ་དང་རྨི་ལམ།[01:55.134]ཁ་ཕྱོགས་དང་བརྩོན་སེམས།[01:55.635]འདུ་ཤེས་དང་དད་སེམས།[01:56.640]རང་ཚུགས་དང་འགན་འཁྲི་ཡོད་པའི་ཕོ་རབ་ཅིག་ཡིན་དགོས་གསུངས།[01:58.900]དེ་རྒྱུན་དུ་ང་ཡི་རྣ་ལམ་དུ་སྲིད་པ་རྒན་པོའི་གཏམ་དཔེ་འདི།[02:02.165]ཉམས་མྱོང་སྟོང་གི་རྩ་བ་རེད།[02:05.928]࿄ ࿄ ࿄[02:34.306]རང་གི་དགའ་ཕྱོགས་དང་མི་ཚེའི་ལམ་བུ་ལ་དགའ་རྒྱུ་སྡུག་རྒྱུ་གང་ཡང་མེད་པ་མ་ཡིན་པ།[02:38.075]མ་མཐའ་ཡང་།[02:38.826]མ་ཚར་བར།[02:39.579]བརྩོན་ཤོག[02:40.332]འབད་ཤོག[02:40.833]ལེགས་སོ།།[02:41.341]ལེགས་སོ།།[02:42.094]དྲིན་ཆེན་གྱི་ཨ་ཕ།[02:42.847]ཁྱེད་ཀྱི་གསུངས་འདི་ལམ་གྱི་ཁ་ཕྱོགས་དང་སེམས་ཀྱི་སྒྲོན་མེ་ཡིན།[02:45.105]ཁྱེད་ནི་བུ་ངའི་རྒྱབ་ཀྱི་རི།[02:46.360]མདུན་གྱི་ཆུ་བོ་ཡིན།[02:47.865]བུ་ང་ད་ལྟ་ནར་སོན་ཡོད།[02:49.621]ནར་སོན་ཡོད།[02:50.875]ཨ་ཕ་ཁྱེད་ཀྱིས་གསུངས་པའི་སྐད་ཆ་ཏག་ཏག་སེམས་ལ་བཟུང་ནས་མདུན་དུ་སྐྱོད།[02:53.888]ཕུ་ནུ་མིང་སྲིང་གི་རེ་བ་དང་ཡིད་ཆེས་ཁུར་ནས་མདུན་དུ་སྐྱོད།[02:56.401]ཨ་ཕ་ལགས།[02:58.659]ཨོ། རྒྱབ་ཀྱི་རི།[03:02.426]ཨོ། མདུན་གྱི་ཆུ།[03:07.449]ཨ་ཕ་ལགས།[03:09.709]ཨོ། རྒྱབ་ཀྱི་རི།[03:13.227]ཨོ། སྔུན་གྱི་ཆུ།[03:19.256][03:21.767]
展开